༢༠༢༦: ཝི་ཁི་མེ་ནི་ཡ།
Liberté, Équité, Fiabilité
ཚོགས་འདུ་དེའི་ཆ་ཤས་ཤིག་ནི་ཐོག་མའི་ཝི་ཁི་པི་ཌི་ཡ་རྣམས་ཀྱི་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་དེ་ཡིན།
Important upcoming dates
- Notification to speakers: Starting 15 May
- Program publication: Mid-June
Venue
The venue will not be publicly announced and will be disclosed privately upon registration. For those that are self funding or self booking, we recommend booking your accommodation in the northeast part of Paris, along line 7 of the metro for easy transport to the conference spaces
བརྗོད་གཞི།
ཝི་ཁི་མེ་ནི་ཡ་པེ་རི་སིའི་བརྗོད་གཞི་ནི་ Liberté, Équité, Fiabilité ཞེས་པ་རང་དབང་། སྤྱི་སྙོམས་དྲང་བདེན། ཡིད་ཆེས་རུང་བ། ཞེས་པ་དེ་དག་ཡིན།
ང་ཚོ་མཉམ་དུ་ཤེས་ཡོན་དང་། སྤྱི་སྙོམས་དྲང་བདེན། རང་དབང་བཅས་སྲུང་སྐྱོབ་བྱེད་དོ།།

ང་ཚོས་ཝི་ཁི་པི་ཌི་ཡ་བཙུགས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད། འོན་ཀྱང་འཛམ་བུའི་གླིང་འདི་རང་དབང་ཅན་གྱི་ཚིག་མཛོད་དང་དེའི་ཁོར་ཡུག་ཧྲིལ་པོར་སྔོན་ཆད་བྱུང་མ་མྱོང་བའི་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད། ང་ཚོས་ཆབ་སྲིད་དང་བརྡ་འཕྲིན་གྱི་རྒོལ་རྡུང་ལ་ཇི་ལྟར་གདོང་ལེན་བྱ་དགོས་སམ། སྐད་ཡིག་མི་འདྲ་བའི་ཝི་ཁི་མི་ཌི་ཡའི་སྤྱི་ཚོགས་དང་གཞན་ཡང་དྲ་ཐོག་སྤྱི་སྤྱོད་ཀྱི་དངོས་རྫས་ཁག་དབར་མཐུན་སྒྲིལ་ཇེ་ཆེར་གཏོང་ཐུབ་བམ། ཝི་ཁི་མི་ཌི་ཡ་སྤྱོད་མཁན་རྣམས་ཀྱིས་མཉམ་དུ་མ་འོངས་པའི་རྨི་ལམ་རྨི་ཐུབ་པའི་ཀུན་ཁྱབ་ཀྱི་གོ་སྐབས་ངེས་བརྟན་ཇི་ལྟར་བཟོ་ཐུབ་བམ། ཝི་ཁི་མེ་ནི་ཡ་ ༢༠༢༦ ནི་ཤེས་ཡོན་ལ་རང་དབང་གི་སྒོ་ནས་ལོངས་སྤྱོད་རྒྱུའི་གོ་སྐབས་དེ་སྲུང་སྐྱོབ་བྱེད་རྒྱུའི་གོ་སྐབས་ཤིག་ཡིན།
ཕྱོགས་ལྷུང་གི་རྣམ་པ་ཇེ་ཆེར་འགྲོ་བཞིན་པའི་འཛམ་གླིང་འདིའི་ནང་། དམངས་གཙོའི་རིན་ཐང་རྣམས་ཉམས་གུད་དུ་འགྲོ་བཞིན་པ་དང་། ཚན་རིག་དང་ཆ་འཇོག་ཡོད་པའི་ལོ་རྒྱུས་ལ་དྲི་རྟགས་འགོད་བཞིན་པ། དྲ་ཐོག་གི་མཉམ་ཞུགས་ཇེ་དམ་དུ་འགྲོ་བཞིན་པའི་དུས་སྐབས་འདིར། ཝི་ཁི་མི་ཌི་ཡའི་ལས་གཞི་རྣམས་ནི་བརྡ་འཕྲིན་གྱི་ཁོར་ཡུག་ནང་དུ་དམིགས་བསལ་གྱི་གནས་བབ་ཤིག་ཏུ་འགྱུར་ཡོད། དེ་དག་གིས་ཤེས་བྱ་མཉམ་སྤྱོད་ཀྱི་གོ་སྐབས་སྐྲུན་པ་དང་། ཕྱོགས་གཉིས་ཀའི་བསམ་ཚུལ་ལ་ཆ་སྙོམས་ཀྱིས་བལྟ་བའི་ལམ་ལུགས། བསམ་ཚུལ་གྱི་བགྲོ་གླེང་དང་ཐུན་མོང་གི་མོས་མཐུན་འཚོལ་བ་ནི་རྒྱུན་གཏན་གྱི་ལམ་སྲོལ་ཞིག་ཏུ་འགྱུར་ཡོད།
ལོ་ངོ་༢༥ནང་དྲ་ཐོག་སྤྱི་ཚོགས་ཁག་གི་རྩོམ་འབྲི་བ་ཚོས། སློབ་ཕྲུག་དང་། གསར་འགོད་པ། ཚན་རིག་པ་སོགས་དང་། དེ་མ་ཟད་གསར་སྐྲུན་རིག་ནུས་དང་འཚོལ་བཤེར་འཕྲུལ་ཆས་རྣམས་ཀྱིས་ཀྱང་བློ་གཏད་ཆོག་པའི་སྤྱི་སྤྱོད་ཀྱི་གློག་རྡུལ་ཤེས་བྱ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད།
དེ་ལྟ་ནའང་ད་ལྟའི་ཆར་འདི་ལ་ཉེན་ཁ་འཕྲད་བཞིན་ཡོད། འཛམ་གླིང་སྟེང་གི་ཆབ་སྲིད་མི་སྣ་དང་ཚོགས་པ་ཁག་ཅིག་གིས་ཝི་ཁི་མི་ཌི་ཡ་ཐེབས་རྩ་དང་ཝི་ཁི་པི་ཌི་ཡ་སྒོ་བརྒྱག་འདོད་པ་དང་། རང་གི་དྲག་ཤུལ་ཅན་གྱི་ལྟ་གྲུབ་བཙན་འགེལ་བྱ་འདོད་ཡོད་པ་རེད། ཐ་ན་མི་བཟོས་རིག་ནུས་ལ་སྦྱོང་བརྡར་སྤྲད་ནས་མིང་རྫུས་ཀྱི་འོག་ནས་རྩོམ་འབྲི་བྱེད་མཁན་རྣམས་ངོས་འཛིན་བྱས་ཏེ་ཁོང་ཚོའི་ངོ་བོ་མངོན་གསལ་བྱེད་པ་དང་གནོད་འཚེ་སློང་བར་འདོད་ཀྱི་ཡོད། ཤེས་བྱ་མཉམ་སྤྱོད་ནི་བར་གནས་ཀྱི་བྱ་གཞག་ཅིག་མིན་པས། གཞན་དོན་གྱི་བྱ་གཞག་འདི་ཉིད་དེང་སང་ཉེན་ཁའི་གནས་སུ་འགྱུར་ཡོད། དེ་ལྟ་བུའི་འཇིག་སྣང་སྐུལ་བ་དང་། སྒེར་གྱི་གནས་ཚུལ་ཁྲོམ་བསྒྲགས་བྱེད་པ། དབང་ཚད་བཀག་སྡོམ། རང་དབང་ཕྲོག་པ། ཡང་ན་དེ་ལས་ཀྱང་སྡུག་པའི་བྱ་སྤྱོད་འདི་དག་ནི་ཚིག་མཛོད་ཆེན་མོ་དང་དེ་ལ་རོགས་རམ་དང་རྒྱབ་སྐྱོར་བྱེད་མཁན་རྣམས་ངེས་པར་དུ་སྲུང་སྐྱོབ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཡིན།
ང་ཚོས་མུ་མཐུད་ནས་ཕོ་མོ་དང་། འབྱུང་ཁུངས། སྐད་ཡིག་ལ་མ་ལྟོས་པར་མི་ཚང་མས་འཛམ་གླིང་གི་ཤེས་བྱའི་བསྡོམས་མཉམ་སྤྱོད་བྱེད་ཐུབ་པའི་འཛམ་གླིང་ཞིག་གི་འཆར་སྣང་བྱེད་ཀྱི་ཡོད། རྨི་ལམ་འདི་འགྲུབ་པར་ང་ཚོས་ཝི་ཁི་མི་ཌི་ཡ་དང་དེའི་མཉམ་ལས་པ་རྣམས་ལ་བདེ་འཇགས་ལྡན་པ་དང་། ཀུན་ཁྱབ། སྐད་ཡིག་སྣ་ཚོགས་ཡོད་པའི་མཉམ་སྤྱོད་ཀྱི་གོ་སྐབས་ངེས་པར་དུ་སྐྲུན་ཐབས་བྱེད་དགོས། དེར་བརྟེན་ཝི་ཁི་མེ་ནི་ཡ་པེ་རི་སི་ཚོགས་འདུ་ནི་ཝི་ཁི་མི་ཌི་ཡའི་ཁོར་ཡུག་གི་རྩ་དོན་གཙོ་བོ་གསུམ་ལ་དམིགས་ཏེ་འཚོགས་རྒྱུ་ཡིན། དེ་དག་ནི་རང་དབང་དང་། སྤྱི་སྙོམས་དྲང་བདེན། ཡིད་ཆེས་རུང་བ་བཅས་ཡིན།
རང་དབང་།
ང་ཚོའི་ཚོགས་འདུ་འདིས་ཝི་ཁི་མི་ཌི་ཡའི་ལས་གཞི་རྣམས་ཀྱི་རྨང་གཞིར་གནས་པའི་རྩ་བའི་རང་དབང་རྣམས་ལ་ཞིབ་འཇུག་བྱེད་པར་དམིགས་ཡོད་ལ། དེ་ཡང་རྒྱལ་སྤྱིའི་རང་བཞིན་གྱི་མཉམ་ཞུགས་དང་ཤེས་བྱའི་འགོག་རྐྱེན་རྣམས་ལས་བརྒལ་བའི་དམིགས་གཏད་བྱེད་ཀྱི་ཡོད། ང་ཚོས་མི་ཚང་མར་རང་གི་ཤེས་ཡོན་རང་དབང་གིས་མཉམ་སྤྱོད་བྱེད་པའི་གོ་སྐབས་ཡོད་དགོས་པར་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། མཉམ་ཞུགས་ཀྱི་རང་དབང་དང་སྨྲ་བརྗོད་ཀྱི་རང་དབང་ནི་བགྲོ་གླེང་ལྷུག་པོ་ཞིག་གི་ཁོར་ཡུག་ཞིག་རྒྱུན་འཁྱོངས་བྱེད་པར་ཧ་ཅང་གལ་ཆེན་ཡིན་ཏེ། འདིས་འབོད་སྒྲ་ཚང་མ་ཐོས་ཐུབ་པ་དང་གུས་བརྩི་ཐོབ་པར་བྱེད་ཀྱི་ཡོད། རང་དབང་འདི་དག་ནི་ལྟ་ཚུལ་ཚང་མ་མཚོན་པར་བྱེད་ཕྱིར་དང་། བགྲོ་གླེང་རྣམས་དགེ་ཚན་ལྡན་ཞིང་ཡོངས་སྒྲིལ་གྱི་རང་བཞིན་ཅན་དུ་འགྱུར་བར་མེད་དུ་མི་རུང་བ་ཡིན།
ང་ཚོའི་ཚོགས་འདུའི་གལ་ཆེ་བའི་ཆ་ཤས་གཞན་ཞིག་ནི་པར་སྐྲུན་བདག་དབང་ཡོད་པའི་ཐོག རྩོམ་སྒྲིག་དང་བསྐྱར་སྐྲུན། འགྲེམས་སྤེལ་བྱེད་ཆོག་པའི་རང་དབང་དེ་ཡིན། ཆོག་མཆན་འདི་དག་གིས་མཉམ་ལས་དང་གསར་གཏོད་ལ་མཐུན་རྐྱེན་བསྐྲུན་ཏེ། ཀུན་གྱིས་ཤེས་ཡོན་དང་རིག་གཞུང་གི་བང་མཛོད་ལ་ལེགས་སྐྱེས་འབུལ་བ་དང་ཁེ་ཕན་ལེན་ཐུབ་པར་བྱེད་ཀྱི་ཡོད། མིང་རྫུས་ཀྱི་རང་དབང་ཡང་གཙོ་བོའི་བརྗོད་གཞི་ཞིག་ཡིན་ཏེ། འདིས་མི་ཚང་མར་རྒྱུ་མཚན་ཡང་དག་མེད་པའི་ཁྲིམས་གཅོད་དམ་སྡིགས་རའི་འཇིགས་སྣང་མེད་པར་མཉམ་ཞུགས་བྱེད་ཐུབ་པར་བྱེད་ཅིང་། དེ་ལྟར་རྩོམ་འབྲི་མཁན་རྣམས་ཀྱི་ངོ་བོ་སྲུང་སྐྱོབ་བྱས་ཏེ་ཁོང་ཚོའི་བདེ་འཇགས་འགན་ལེན་བྱེད་ཀྱི་ཡོད།
མཐའ་མར་ང་ཚོས་མཐུན་ཚོགས་དང་རང་སྐྱོང་གི་རང་དབང་། དེ་བཞིན་བརྡ་འཕྲིན་གྱི་རང་དབང་དང་སྤུས་ཚད་ལྡན་པའི་ནང་དོན་ལ་ལོངས་སུ་སྤྱོད་པའི་རང་དབང་བཅས་གསལ་སྟོན་བྱེད་རྒྱུ་ཡིན། ང་ཚོས་མི་ཚང་མར་སྤུས་ཚད་མཐོ་བའི་ཤེས་ཡོན་དང་རིག་གཞུང་གི་ཐོན་ཁུངས་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་ཡོད་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། གླེང་སློང་གི་གནད་དོན་གཞན་ཞིག་ནི་གསར་གཏོད་ཀྱི་རང་དབང་ཡིན་ཏེ། འདིས་ཤེས་བྱ་མཉམ་སྤྱོད་ལ་མཁོ་བའི་ལག་ཆ་གསར་བཟོ་བྱེད་ཐུབ་པར་བྱེད་ཅིང་། ཝི་ཁི་མི་ཌི་ཡའི་ལས་གཞི་རྣམས་གསར་གཏོད་ཀྱི་རྩེ་མོར་གནས་པ་དང་། འཛམ་གླིང་གི་མི་ཚང་མར་ཤེས་བྱ་ལ་རིན་མེད་ཐོག་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་མུ་མཐུད་ནས་མཁོ་སྤྲོད་བྱེད་པར་ངེས་བརྟན་བཟོ་བ་རེད།
སྤྱི་སྙོམས་དྲང་བདེན།
འདྲ་མཉམ་གྱི་ལྟ་བས་ཚང་མར་གོ་སྐབས་གཅིག་མཚུངས་མཁོ་སྤྲོད་བྱེད་པར་དམིགས་ཡུལ་འཛིན་པ་ཡིན་ན། སྤྱི་སྙོམས་དྲང་བདེན་གྱིས་མི་ཚང་མར་རང་རང་གི་སོ་སོའི་དགོས་མཁོ་དང་བསྟུན་ནས་འོས་འཚམས་ཀྱི་ཐབས་ལམ་མཁོ་སྤྲོད་བྱེད་པར་དམིགས་ཡུལ་འཛིན་གྱི་ཡོད།
ང་ཚོས་དྲང་བདེན་དང་བཀོལ་སྤྱོད་བྱ་སླ་བའི་གནད་དོན་རྣམས་ལ་དམིགས་གཏད་བྱེད་རྒྱུ་ཡིན་ཏེ། འདི་དག་གིས་མི་རེ་ངོ་རེར་ཐུན་མོང་གི་ཤེས་བྱའི་འཛུགས་སྐྲུན་གྱི་ལས་གཞིར་མཉམ་ཞུགས་བྱེད་པར་དགོས་ངེས་ཀྱི་འཕྲུལ་རིག་དང་སྤྱི་ཚོགས་ཀྱི་ཐབས་ལམ་ཡོད་པའི་ཁོར་ཡུག་ཅིག་ངེས་བརྟན་བཟོ་བ་རེད།
འགྲོ་བ་མིའི་སྣ་མང་རང་བཞིན་མཚོན་པའི་དོན་དང་ལྡན་པའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་མཉམ་སྤྱོད་ཀྱི་ཤེས་བྱ་ཞིག་སྐྲུན་པར་བྱེད་པ་ལ། སྤྱི་སྙོམས་དྲང་བདེན་ཞེས་པ་དེ་ཤེས་བྱ་བསྐྲུན་པ་དང་ལོངས་སུ་སྤྱོད་པར་བྱེད་པའི་བྱ་བའི་ལྟེ་བར་འཇོག་དགོས། ང་ཚོས་རིག་གཞུང་སྣ་མང་གི་མཉམ་ཞུགས་དང་ཡོངས་སྒྲིལ་གྱི་ལག་ལེན་ཁོ་ནས། བདེ་ཐང་དང་བདེ་འཇགས་ལྡན་པའི་ཁོར་ཡུག་ཅིག་གི་ནང་དུ། ཕྱོགས་རིས་མེད་པའི་ལྟ་ཚུལ་ལ་འཁྲིད་ནས། དེང་གི་ང་ཚོའི་ལས་གཞི་ཁག་དང་སྤྱི་ཚོགས་ནང་དུ་ད་དུང་ཡོད་པའི་ཕྱོགས་ལྷུང་རྣམས་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།
ཡིད་ཆེས་རུང་བ།
ལྷག་པར་དུ་མཉམ་སྤྱོད་བྱས་པའི་ཝི་ཁི་མི་ཌི་ཡའི་ལས་གཞི་རྣམས་ཀྱི། འབྱུང་ཁུངས་ཀྱི་ར་སྤྲོད་ཐུབ་པ་དང་། དངོས་ཡོད་ཀྱི་རང་བཞིན། ཕྱོགས་རིས་མེད་པའི་ནང་དོན་བཅས་ལ་དམིགས་བསལ་གྱི་དོ་སྣང་སྤྲོད་རྒྱུ་ཡིན། ཡིད་ཆེས་བློས་འགེལ་དང་ཆ་འཇོག་ཡོད་པའི་ཚན་རིག་དང་གསར་འགོད་ཀྱི་ལས་གཞི་ཁག་ལ་རྒོལ་རྡུང་ཇེ་མང་དུ་བྱེད་བཞིན་པའི་དུས་སྐབས་འདིར། ང་ཚོས་འབྱུང་ཁུངས་ཀྱི་ཆ་ནས་གང་མཚོན་པ་དེར་ནན་བརྗོད་བྱེད་རྒྱུ་ཡིན། ང་ཚོས་མིས་བསྐྲུན་ཞིང་དག་ཐེར་བྱས་པའི་ཡིད་ཆེད་བློ་གཏད་ཆོག་པའི་རང་དབང་གིས་ལོངས་སུ་སྤྱོད་ཐུབ་པའི་ཤེས་བྱ་བསྐྲུན་ཐུབ་པའི་རྒྱལ་སྤྱིའི་ལས་འགུལ་གྱི་རང་བཞིན་ལྡན་པའི་འགན་འཁྲི་ལའང་དྲི་རྟགས་ཤིག་འགོད་རྒྱུ་ཡིན།
ང་ཚོས་རྒྱལ་སྤྱིའི་བརྡ་འཕྲིན་གྱི་ཁྱབ་ཁོངས་ནང་གི་ང་ཚོའི་འགན་འཁྲི་དང་། ང་ཚོའི་ལས་འགུལ་ཀྱིས་དེ་ལ་ཇི་ལྟར་ཞབས་འདེགས་ཞུ་བཞིན་པ། མུ་མཐུད་ནས་ཞབས་འདེགས་ཞུ་དགོས་པ་བཅས་ལའང་གླེང་སློང་བྱེད་རྒྱུ་ཡིན། ང་ཚོས་ཝི་ཁི་མི་ཌི་ཡའི་ལས་འགུལ་གྱི་རྒྱུན་གནས་ཐུབ་ཐབས་དང་དྲང་དོན་གྱི་ཐོག་རང་ཉིད་ལ་དྲི་བ་འདྲི་དགོས།
མཇུག་བསྡུ་བ།
ང་ཚོས་ཝི་ཁི་མེ་ནི་ཡ་འདི་ནས་ཕྱིར་ལོག་སྐབས་རིན་ཐང་འདི་དག་ལ་ཡིད་ཆེས་གསར་པ་དང་། མཐུན་སྒྲིལ་ཆེ་རུ། མཉམ་རུབ་ཀྱི་སྟོབས་ཤུགས་ཆེ་རུ། ཆབ་སྲིད་དང་བརྡ་འཕྲིན་གྱི་རྒོལ་རྡུང་ལ་གདོང་ལེན་བྱེད་པའི་ནུས་པ་ཆེ་བ་བཅས་དང་ལྡན་པའི་ངང་ནས་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་ང་ཚོས་ཡིད་ཆེས་རུང་བ་དང་། ཕྱོགས་རིས་མེད་པ། རང་དབང་ཅན་གྱི་གནས་ཚུལ་མུ་མཐུད་ནས་མཉམ་སྤྱོད་བྱེད་ཐུབ་པའི་ཆེད་དུ་ཡིན།
Organizers
ལས་གཞིའི་ཕྱག་སྦྲེལ་ཁག
Institutional partners
- Under the patronage of the Secretary General of the Council of Europe, Mr. Alain Berset
PLATINUM Partners
GOLD Partners
SILVER Partners
- UMR 6031 TREE
Team Challenges
These sites open their doors to Wikimedians
Wikimania throughout the years
Frankfurt 2005 ● Cambridge 2006 ● Taipei 2007 ● Alexandria 2008 ● Buenos Aires 2009 ● Gdańsk 2010 ● Haifa 2011 ● Washington, D.C. 2012 ● Hong Kong 2013 ● London 2014 ● Mexico City 2015 ● Esino Lario 2016 ● Montréal 2017 ● Cape Town 2018 ● Stockholm 2019 ● online 2021 ● online 2022 ● Singapore 2023 ● Katowice 2024 ● Nairobi 2025 ● Paris 2026
Future discussions
Future of Wikimania ● Expressions of Interest to Host Future Wikimanias
Other information
Accomplishment Reports